༼རྩིས་འཛིན་པ༽
༉ པདྨ་བཟང་མོ་སྤྱི་ལོ་ ༡༩༨༩ ཟླ་ ༡༠ པའི་ཚེས་ ༢༦ ལོར་ འབྲུག་དབང་འདུས་ ཕོབ་སྦྱིས་ཁ་གཡུས་མཁན་འགྲོ་ལུ་སྐྱེས་ནུག སྐྱེས་ལོ་༩ སྤྱི་ལོ་༡༩༩༨ ལོར་ཕོབ་སྦྱིས་ཁ་བློ་གསར་སློབ་གྲྭ་ནང་འཛུལ་བཞིན་ལས་ ནོར་བུ་ལྡིང་སློབ་གྲྭ་འབྲིང་རིམ་འོག་མ་དང་བསམ་གཏན་སྒང་འབྲིང་རིམ་བར་མའི་སློབ་གྲྭ་ནང་འཛུལ་བཞིནམ་ལས་ རིམ་པར་སློབ་རིམ་དགུ་པ་ཚུན་སློབ་སྦྱོང་འབད་ཡོད། སྤྱི་ལོ་ ༢༠༠༨ ཟླ་ ༦ པའི་ཚེས་ ༡༢ ལུ་སྟངས་པདྨ་བཤད་སྒྲུབ་ཆོས་ཀྱི་དགའ་ཚལ་གླིང་བཙུན་མའི་བཤད་གྲྭ་ནང་འཛུལ་བཞིནམ་ལས་མདོ་སྔགས་རིག་གཞུང་ལུ་སློབ་སྦྱོང་འབད་ནུག སྤྱི་ལོ་ ༡༠༡༩ ལུ་འཛིན་གྲྭ་དགུ་པ་མཐར་འཁྱོལ་བཞིན་ལས་ པདྨ་བཤད་སྒྲུབ་ཆོས་ཀྱི་དགའ་ཚལ་གླིང་བཤད་གྲྭའི་སློབ་དཔོན་ལོ་གཉིས་ཕྱག་ཞུ་ཡོད། ད་ལྟོ་གཏེར་སྟོན་ཆེན་པོ་རིག་འཛིན་པདྨ་གླིང་པའི་རང་ལུགས་ཀྱི་བདག་པོ་གཙོ་བོ་༧སྐྱབས་རྗེ་སྒང་སྟེང་སྤྲུལ་སྐུ་རིན་པོ་ཆེ་ སྐུ་ཕྲེང་ ༩ པ་མཆོག་དང་བློ་གཏད་བཀོད་ཚོགས་ཀྱི་འབྲུག་གཞུང་ཆོས་སྡེ་བཅའ་ཁྲིམས་ ༢༠༠༧ ཅན་མའི་དགོང་དོན་དང་འཁྲིལ་ཏེ་གཞི་བཙུགས་གནང་ཡོད་པའི་ པད་གླིང་ཆོས་ཀྱི་དགའ་ཚལ་ནང་རྩིས་འཛིན་པ་འབད་ཕྱག་ཞུ་བཞིན་ཡོད།