༉ པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་འདི་ གཏེར་སྟོན་ཆེན་པོ་རིག་འཛིན་པདྨ་གླིང་པའི་རིང་ལུགས་ཀྱི་བདག་པོ་གཙོ་བོ་ སྐྱབས་རྗེ་སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་ ༩ པ་ ཀུན་བཟང་རིག་འཛིན་པདྨ་རྣམ་རྒྱལ་དང་ བློ་གཏད་བཀོད་ཚོགས་ཀྱིས་ འབྲུག་གཞུང་ཆོས་སྡེའི་བཅའ་ཁྲིམས་ ༢༠༠༧ ཅན་མའི་དགོངས་དོན་དང་འཁྲིལ་ཏེ་ གཞི་བཙུགས་གནང་ཡོད། གཏེར་སྟོན་གྱི་རྒྱལ་པོ་ལྔའི་ཡ་གྱལ་ རིག་འཛིན་པདྨ་གླིང་པའི་མཚན་གྱི་རྗེས་སུ་འབྲངས་ཏེ་ མིང་བཏགས་ཡོད་པའི་ གཞི་ཚོགས་འདིའི་ དམིགས་ཡུལ་ཡང་ སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་ སྒོས་སུ་རིག་འཛིན་པདྨ་གླིང་པའི་ཟབ་ཆོས་ཀྱི་རྒྱུན་འདི་ ཇི་སྲིད་ནམ་གནས་ཀྱི་བར་དུ་ འཛིན་སྐྱོང་སྤེལ་གསུམ་གནང་ནི་དང་ རྒྱལ་ཁབ་ཀྱི་ལུགས་སྲོལ་དང་ སྔར་ཁྱུན་བཟང་པོའི་ཁྱད་ཆོས་ ཐུན་མོང་མ་ཡིན་པ་ཚུ་ ཉམས་པ་སོར་ཆུད་དང་ མི་ཉམས་གོང་འཕེལ་གཏང་ནི་ཨིན།
༉ གནམ་ལོ་ལྕགས་ཕོ་བྱི་ལོ་ བཀྲིས་ཟླ་བའི་མར་ཚེས་ ༢༧ དང་ ༢༨ ལུ་སྒང་སྟེང་སྔ་འགྱུར་མཐོ་སློབ་མདོ་སྔགས་ཐོས་བསམ་རབ་རྒྱས་གླིང་དུ་སྨན་ལྗོངས་འབྲུག་གི་སྔ་འགྱུར་མཁས་པའི་བགྲོ་གླེང་ཐེངས་ ༢ པ་འདི་རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན་པོ་མཚུངས་མེད་དྲིན་ཆེན་བླ་མ་ ༸སྐྱབས་རྗེ་སྒང་སྤྲུལ་རིན་པོ་ཆེ་མཆོག་གི་དབུས་མཁན་སློབ་འདུས་དམངས་ཡོངས་ཚོགས་ཞུགས་གནང་ཐོག་འཚོག་བཞིན་པའི་བརྙན་པར་འགའ་ཞིག་བཞུགས།
སྟོན་པའི་འདས་ལོ་ ༢༥༦༤ སྤྱི་ལོ་ ༢༠༢༠ ལོར་ སྒང་སྟེང་སྔ་འགྱུར་མཐོ་སློབ་མདོ་སྔགས་རབ་རྒྱས་གླིང་དུ་ མཁན་སློབ་འདུས་སྡེ་ཡོངས་ དབྱར་གནས་ཐེངས ༣༥ པར་བཞུགས་ཡོདཔ།
༈ བསློབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་ལས་དབྱར་གནས་ནི། དགེ་སློང་དག་དབྱར་གནས་གྱི་ནང་དུ་རྒྱུ་ཞིང་འདོང་བ་དང་། མི་སྦེད་ཅིང་སྲུང་དག་ལ། མུ་སྟེགས་ཅན་དག་གིས།...
༉ ནད་ཡམས་ཀོ་ཝིཊ (covid-19) གི་གདོང་ལེན་ལུ་ པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་ཀྱི་རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལུ་མ་དངུལ་གྱི་ཞལ་འདེབས་ས་ཡ་གཉིས་གནང་ཡོདཔ།
༄།།ད་རེས་(COVID-19) ནད་ཡམས་འདི་གིས་ འཛམ་གླིང་ཡུལ་གྲུ་འདིར་...
ལས་གཡོགཔ།
ལས་སྣ།
མཐུས་མིའི་འབྲིས་ཤོག་།
སྐུ་འཁྲུངས་ཚུལ། དེ་ཡང་ སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་དགུ་པ་ ཀུན་བཟང་རིག་འཛིན་པདྨ་རྣམ་རྒྱལ་མཆོག་ ཀྲོང་གསར་བོན་སྦིས་ཆོས་རྗེའི་བཟའ་ཚང་ནང་ སྤྱི་ལོ་༡༩༥༥ ལུ་ ནམ་མཁར་འཇའ་ཚོན་འཁྱིལ་བ་དང་ མེ་ཏོག་དང་རྩི་ཤིང་སྣ་ཚོགས་ཤར་ཡོད་པའི་ རྟགས་མཚན་བཟང་པོ་དུ་མ་དང་བཅས་ ཡབ་ཚེ་རིང་རྡོ་རྗེ་དང་ ཡུམ་ཚེ་རིང་དཔལ་མོ་གཉིས་ཀྱི་སྲས་ལུ་ སྐུ་འཁྲུངས་ནུག།
འཁྲུངས་རྟགས་དང་ལུང་བསྟན། སྤྲུལ་སྐུ་མཆོག་ ཡུམ་གྱི་ལྷུམས་སུ་བཞུགས་པའི་སྐབས་ལུ་ ཡུམ་གྱི་མནལ་ལམ་ནང་ བཀོལ་བའི་ཆུ་ཨོམ་ལུ་གྱུར་བ་དང་ ཨ་ལོ་ལེ་ཤ་ཅིག་གིས་ ཆུ་དབོག་སར་གཟིགས་ནུག།