Select Page

Tsamang Tokari Choekhorling Nunnery or Ani Shedra, Tsamang Gewog, Mongar

རྩ༌མང༌བཤད༌སྒྲུབ༌ཆོས༌འཁོར༌གླིང༌བཙུན་མའི་བཤད༌གྲྭ༌གཞི༌བཙུགས༌མཛད༌ཚུལ༌སྐོར།
༉ཤར༌ཕྱོགས༌འཁོར༌ལོ༌རྩིབས༌བརྒྱད༌ཀྱི༌ནང༌གསེས༌མོང༌སྒར༌ཆ༌འོག༌རྩ༌མང༌ཏོག༌ཀ༌རི༌ལྷ༌ཁང༌འདི༌
སྤྱི༌ལོ༌ ༡༡༠༠ ལུ༌ བླམ༌བསྟན༌འཛིན༌གྱིས༌དབུ༌གཙོས༌ཏེ༌ དད༌ལྡན༌གྱི༌སྦྱིན༌བདག༌ངག༌དབང༌ཕྲིན༌ལས༌དང༌
གཡུས༌ཚན༌དེའི༌མི༌སེར༌ཚུ༌གིས༌ མཉམ༌རུབ༌ཀྱི༌ཐོག༌ལས༌བཞེངས༌གནང༌ནུག དེ༌ཡང༌ཐོག༌གཉིས༌འབད༌མི༌
ལྷ༌ཁང༌འདིའི༌འོག༌ཐོག༌ལུ༌རྟེན༌གྱིགཙོ༌བོ༌སྨན༌ཇིམ༌ལས༌གྲུབ༌པའི༌སྟོན༌པ༌ཤཱཀྱ༌ཐུབ༌པ།རྗེ༌བཙུན༌བྱམས༌པ༌མགོན༌པོ།
སངས༌རྒྱས༌མར༌མེ༌མཛད།གུ༌རུ༌མཚན༌བརྒྱད༌ཚུ༌བཞེངས༌གནང༌ཡོདཔ༌མ༌ཚད།བླ༌མ༌བརྒྱུད༌པའི༌ལྡེབས༌རིས༌
ལྟུང༌བཤགས༌ཀྱི༌ལྷ༌ཚོགས༌སངས༌རྒྱས༌སོལྔ༌ལ༌སོགས༌པའི༌ལྡེབས༌རིས༌ཚུ༌བཀོད༌གནང༌ནུག
སྟེང་ཐོག་ལུ་འབད་བ་ཅིན་བསྟན་འགྲོའི་ཕན་བདེ་སྲུང་སྐྱོབ་མཛད་པ་ལ་མཆོག་ཏུ་བསྔགས་པ་མ་གཅིག་དཔལ་ལྡན་
ལྷ་མོའི་མགོན་ཁང་དང་ལྡེབས་རིས་ཚུ་ཡང་རྐྱབ་གནང་ནུག
ལྷ་མོའི་མགོན་ཁང་འདི་བཀའ་གཉན་ དྲག་ཡོདཔ་ལས་ གྲིབ་ཅན་གྱི་མི་དང་ཨམ་བསྲུ་ཟླ་མཚན་ཅན་ཚུ་འཛུལ་མི་བཏུབ་ཟེར་ཨིནམ་ད།
གལ་སྲིད་འཛུལ་བ་ཅིན་ གཡུས་ཚན་ནང་ལྟས་ངན་པ་དང་བཀྲ་མི་ཤིས་པ་ཚུ་བྱུངམ་ཨིན་ཟེར་ གཡུས་ཁའི་ མི་ཚུ་གིས་ཁ་རྒྱུན་ལས་བཤད་ནི་འདུག
དུས་ད་ལྟོའི་བར་ན་ཡང་མགོན་ཁང་འདི་ནང་མི་ཚུ་གིས་དཔལ་ལྡན་ལྷ་མོ་ལུ་ཚེ་འདིའི་བར་ཆད་ཞི་ཐབས་དང་ཕྱི་ མའི་ལམ་བཟང་ནིའི་དོན་ལུ་
གསོལ་ཁ་དང་ཕྲིན་བཅོལ་ཚུ་མ་ཆད་པར་ཕུལ་སྲོལ་འདུག དེ་ལས་བར་སྐབས་ཅིག་ལས་ལྷ་ཁང་འདིའི་ཕྱི་ནང་གི་
འཛིན་སྐྱོང་དང་ལྟ་རྟོག་ལེགས་ཤོམ་ཅིག་འབད་མི་ མེད་ པར་ གཡུས་མཚན་འདི་གི་རྒེདཔ་དང་དམང་མི་ཚོགས་པ་མི་སེར་ཚུ་
མོས་མཐུན་གྱི་སྒོ་ལས་གན་ཡིག་ལག་ བཞག་དང་བཅས༧སྐྱབས་རྗེ་སྒང་སྤྲུལ་སྐུ་ཕྲེང་དགུ་པ་ཀུན་བཟང་རིག་འཛིན་པདྨ་རྣམ་རྒྱལ་མཆོག་
ལ་དགོན་པ་དེ་ཁར་མི་སེར་གྱི་མཐའ་དོན་ལུ་དམིགས་ཏེ་དགེ་སློང་གི་སྡེ་གྲྭ་གཅིག་གསར་བཙུགས་གནང་དགོབ་སྦེ་གསོལ་འདེབས་ཞུས་པ་ལྟར་
སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ཡང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་བྱེ་བྲག་ཏུ་རིག་འཛིན་པདྨ་གླིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་
འདི་ཉིད་མི་ཉམས་གོང་ཕེལ་དང་ཉམས་པ་སོར་ཆུད༌ཀྱི་དོན་ལུ་དང་ལྷ་པར་དུ་ཡང་ས་གནས་འདིའི་མི་སེར་ཚུ་གིས་ཕན་བདེ་ལུ་དགོངས་ཏེ་
སྤྱི་ལོ་༢༠༠༨ལུ་རྩིས་བཞེས་གནང་སྟེ་དགེ་སློང་གསར་འཛུལ་མི་གྲངས་ལྔ༌དེ༌ཅིག༌ལས༌མེདཔ༌ལས༌བརྟེན༌སྤྱི༌ལོ༌༢༠༡༠ལུ༌ཁེང༌ཏིང༌ཏིང༌སྦྱིས༌ལུ༌
སྐྱབས༌རྗེ༌རིན༌པོ༌ཆེ༌དབུ༌བཞུགས༌ཐོག ཡོངས༌ཁྱབ་ཞལ་འཛོམས་ཚོགས་པའི་སྐབས་གྲོས་ཆོད་བྱུང་བ་ལྟར་ བུམ་ཐང་སྟངས་པདྨ་ཆོས་གླིང་
བཙུན་མའི་མཐོ་རིམ་བཤད་གྲྭ་ནང་ལས་སློབ་གཉེར་བ་འཛིན་གྲྭ་གཉིས་པ་དང་གསུམ་པ་ཚུ་དགོན་པ་དེ་ཁར་སྤོ་བཤུད་འབད་དེ་སྔ་ཕྱིའི་ཐུན་
དང་གཞུང་རིག་གནས་ཚུ་ལུ་སློབ་སྦྱོང་གནང་དང་གནང་བཞིན་ཡོདཔ་མ་ཚད་ས་གནས་འདིའི་མི་སེར་ཚུ་ལུ་གསོན་པའི་རིམ་འགྲོ་དང་གཤིན་
པོའི་དགེ་རྩ་སོགས་གང་སྤྱིའི་ཐོག་ཕན་བདེ་བྱུང་དང་བྱུང་བཞིན་ཡོད་ཟེར་ཞུ་ནི་ཨིན།