༡༽དགོན་པའི་མཚན། གཏིང་སྟི་སྦི་ཨྱོན་ཐེག་ཆེན་ཆོས་གླིང་ཟངས་མདོག་དཔལ་རི།
༢༽ དགོན་པ་འདི་གི་འབྱུང་རབས། ༡༩༢༡ ལུ་རྫོགས་ཆེན་པོ་ལོ་མཁན་རིན་པོ་ཆེ་གིྟས་ཞབས་ཀྱིས་བཅགས་ཏེ་དུང་འཁོར་ལྷ་ཁང་ཅིག་སྦེ་བཞེངས་གནང་ནུག ཤུལ་ལས་དུང་འཁོར་དེ་ཕྱི་ཁར་བཏོན་ཏེ་ལྷ་ཁང་མི་གྲངས་༣༠དེ་ཅིག་ཤོམ་སྦེ་རྒྱ་སྐྱེད་འབད་དེ་ ནང་རྟེན་ཡང་གུ་རུ་ནང་སྲིད་ཟིལ་གནོན་གྱི་གཙོ་འཁོར་གསུམ། གུ་རྡོ་རྗེ་གྲོ་ལོད། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། གཏེར་བཏོན་པད་མ་གླིང་པ།རྫོགས་ཆེན་པོ་ལོ་མཁན་རིན་པོ་ཆེ། ཡི་དམ་རྡོེ་གཞོན་ནུ་ཚུ་བཞེངས་ཏེ་ལོ་ངོ་མང་རབ་ཅིག་གི་རིང་སྦྱིན་བདག་ཨམ་དབྱངས་འཛོམས་ཀྱིས་བདག་འཛིན་མཛད་དེ་བཞུགས་ནུག ༡༩༩༨ ལུ་སྦྱིན་བདག་ཚུ་གིས་ ་ང་བཅས་རའི་རྩ་བའི་བླ་མ་སྒང་སྟེང་སྐྱབས་མགོན་ལུ་ཕུལ་ཏེ་དགེ་འདུན་གྱི་སྡེའམ་བཤད་གྲྭ་གཞི་བཙུགས་མཛད་ནུག རིན་པོ་ཆེ་གི་ཐུགས་བཞེས་ལྟར་དུ་ སྦྱི་བདག་ཨམ་དབྱངས་འཛོམས་ཀྱི་ནུ་གཅུང་སྦྱིན་བདག་ཨཔ་བསོད་ནམས་ཕུན་ཚོགས་ཀྱིས་མ་དངུལ་རྒྱབ་སྐྱོར་གང་དྲག་ཕུལ། བླམ་ཚེ་རིང་དབང་འདུས་ཀྱི་འགོ་འདྲེན་ཐོགས་ལས། ༢༠༡༠ – ་༢༠༡༧ལུ་གཙུག་ལག་ཁང་དེ་རྩ་བ་ལས་ཉམས་གསོ་ཞུས་ཏེ་ཟངས་མདོག་དཔལ་རི་ལུ་བསྒྱུར་ཏེ་བཀྲིས་རབ་གནས་དང་བཅས་པར་གནང་ཡོད།
༣༽དབུ་འཛིན་པདྨ་རྒྱ་མཚོ། སློབ་དཔོན་པདྨ་དབང་འདུས། སློབ་དཔོན་ལེགས་སྐྱིད་ཆོས་གྲགས། ཡོངས་བསྡོམ་གསུམ།
སློབ་ཕྲུག་དྲུག
༤༽ལོ་བསྟར་ཆོས་ཕྱོགས་ཀྱི་ལས་རིམ། ལོ་བསྟར་ཚོགས་འབུམ་དང། བྱུང་ན་ སྒྲུབ་ཆེན་ཡང་འཚོགས་ནི་ཡོད། དེ་ལས་དུས་ཆེན་ཁྱད་པར་ཅན་ཚུ་ཉེ་འདབ་ཀྱི་མི་སེར་ཚུ་གིས་བསྐོར་རྐྱབ་མཛད་ཐོགས་ལས་འབུམ་སྡེ་འབད་བཟུང་དོ།། ་ཡར་ངོ་མར་ངོ་ཚུ་ཡང་མ་ཆད་པར་གཟུང་ནི་ཡོདཔ་མ་ཚད་གཞན་ཆོས་ཕྱོགས་ཀྱི་ལས་རིམ་ཚུ་སྐབས་ཐོབ་དང་བསྟུན་བཟུང་དོ།།
༥༽མི་སྡེ་ལུ་ཕན་པའི་ལས་སྣ་ཟེར་རུང་ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ཨིན། སྐབས་ཐོབ་མི་སེར་རང་རང་སོ་སོའི་འདོད་པ་དང་བསྟུན་་ཆོས་བཤད་དང་འབྱུང་རབས་ལོ་རྒྱུས་ཚུ་བཤད་ནི་ཡོད།
དྲི་བ་གེ་ར་ལྕོགས་འཐདཔ་སྦེ་མཇལཝ་ལས་དྲི་བ་གེ་ར་གི་ལན་དེ་ཅིག་ནང་འཐུདཔ་འབད་ཕུལ་ཡི། བཀྲིན་ཆེ་ལ།