༈ ཆུ་ཁ་རྫོང་ཁག་སྦོང་གོ་རྒེད་འོག་གི་མངའ་འོག་ལུ་ཡོད་མི།
༡༽ དགོན་པའི་མིང་ཕྱག་འཚལ་གླ་ཁ་མཐོང་འགྲོལ་བསམ་གྲུབ་ཆོས་གླིང་།
༢༽ དགོན་འདི་ སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་ལུ་བཞེངས་གནང་ནུག།
༣༽ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གི་ལུང་བསྟན་དང་འཁྲིལ་མཚམས་ཕུན་ཚོགས་ཀྱི་འགོ་འདྲེན་ཐོག་སྤྱིར་བསྟན་པ་དང་སེམས་ཅན་གྱི་དོན་ལུ་དང་བྱེ་བྲག་ས་གནས་ཀྱི་མི་སེར་ཡོངས་ཀྱི་གསོན་ཤིན་གཉིས་ཀའི་དགེ་རྩ་དང་རིམ་འགྲོ་གནང་ས་ཕྱག་འཚལ་སའི་རྟེན་ལུ་དམིགས་ཏེ་བཞེངས་གནང་ནུག།
༤༽ གནས་སྐབས་ཀྱི་དབུ་འཛིན་་་སློབ་བསོད་ནམས་ནོར་བུ།
༥༽ སློབ་ཟླ་བ་དོན་གྲུབ། སློབ་མཚོ་སྐྱེས་རྡོ་རྗེ་བཅས་མི་གྲངས་གསུམ།
༦༽ དགོན་སྡེ་འདི་བླ་སློབ་ཞལ་གྲངས་ཡོངས་སྡོམས་བཅུ་བདུན།
༧༽ གཞི་རིམ་དང་པ་ནང་མི་གྲངས་གསུམ། གཉིས་པའི་ནང་ ལྔ་། གསུམ་པའི་ནང་དྲུག།
༨༽ ཀུན་རྫོབ་གྱི་ལག་ལེན་་གཏོར་བཟོ་་ཡིག་བཟོ་་གདུང་་རྒྱ་གླིང་དང་ཆོ་གའི་གདངས་དབྱངས་དང་གར་འཆམ་སོགས།
༩༽ ཟླ་དང་པའི་ཚེས་་༣་ལ་པད་གླིང་འདས་མཆོད། ཟླ་གཉིས་པའི་ནང་རྒྱལ་ཁབ་སྐུ་རིམ་རྒྱལ་བའི་བཀའ་བསྒྱུར་ལྷག་ནི། ཟླ་གསུམ་པའི་ཚེས་ ༡༠ ལ་ཞབས་དྲུང་སྐུ་མཆོད། ཟླ་བཞི་པའི་ཚེས་ཉེར་དགུ་ལ་མི་ཕམ་སྐུ་མཆོད། ཟླ་ལྔ་པའི་ནང་སྤྲེལ་ཟླ་ཚེས་བཅུ། ཟླ་དྲུག་པའི་ནང་དྲུག་པའི་ཚེས་བཞི། ཟླ་དགུ་པའི་ནང་ལྷ་བབས་དུས་ཆེན། ཟླ་བཅུ་པའི་ཚེས་ཉེར་ལྔ་ལ་ལོ་ལྟར་དགོན་པའི་གཏང་རག།
སློབ་བསོད་ནམས་ནོར་བུ་་༡༧༥༧༡༣༣༥/ སློབ་ཟླ་བ་དོན་གྲུབ་་་་༡༧༣༧༡༠༢༧/ སློབ་མཚོ་སྐྱེས་རྡོ་རྗེ་་༧༧༤༥༥༨༩༣/