དགོན་སྡེ་ སྒྲུབ་སྡེ་ བཤད་གྲྭ་ཚུའི་མཚན།
དུང་མཁར་ཨྱོན་ཆོས་གླིང་དགོན་པ།/དུང་མཁར་ཨྱོན་ཆོས་གླིང་བཤད་གྲྭ།
དགོན་སྡེ་ སྒྲུབ་སྡེ་ བཤད་གྲྭ་ཚུ་གཞི་བཙུགས་གནང་བའི་དུས་ཚོད།
དུང་མཁར་ཨྱོན་ཆོས་གླིང་དགོན་པ་དེ་ཉིད་ སྤྱི་ལོ་༡༥༦༩་དེ་ཅིག་གི་ལོ་ལུ་གདན་ས་ཕྱག་བཏབ་གནང་གནངམ་ཨིན་མས། དུང་མཁར་ཨྱོན་ཆོས་གླིང་བཤད་གྲྭ་དེ་ནི་ སྤྱི་ཚེས་ ༡༢/༡༠/༢༠༡༤ ལོ་ལུ་གཞི་བཙུགས་འབད་འབདཝ་ཨིན
དགོན་སྡེ་ སྒྲུབ་སྡེ་ བཤད་གྲྭ་ཚུའི་འབྱུང་རབས།
འབྲུག་ཆོས་ལྡན་རྒྱལ་ཁབ་ཀྱི་ཤར་ཕྱོགས་སུ་ པདྨ་དགའ་ཚལ་རྫོང་ཁག་ མཁར་རྒེད་འོག་གི་མངའ་འོག་ལུ་ འབོ་དུང་ ཡས་འགྱུར་ སྦོང་སྨན་དང་ལ་བར་གཡུས་ཚན་བཞི་གི་རྩེ་ལུ་ དུང་མཁར་ཨྱོན་ཆོས་གླིང་དགོན་པ་ཟེར་ དགོན་པ་བྱིན་རླབས་ཅན་ཅིག་ཆགས་ཏེ་ཡོད། དགོན་པ་དེ་ གཡུས་ཚན་བཞི་གི་མི་སེར་ཚུ་གིས་ཕྱག་དང་མཆོད་པ་འཕུལ་སའི་རྟེན་ངོ་མ་ཅིག་ཨིན།
དུང་མཁར་ཨྱོན་ཆོས་གླིང་དགོན་པ་དེ་ཉིད་ མི་ལོ་༤༥༠དེ་ཅིག་གི་ཧེ་མ་ལས་ གཏེར་སྟོན་པདྨ་གླིང་པའི་གདུང་བརྒྱུད་དང་ ལྷ་སྲས་གཙང་མའི་གདུང་བརྒྱུད་ཚུ་གིས་གདན་ས་ཕྱག་བཏབ་གནང་གནངམ་ཨིན་མས། ལོ་རྒྱུས་གཅིག་དང་འཁྲིལ་བ་ཅིན་ མཁས་གྲུབ་གཉིས་ལྡན་བླ་མ་མང་རབས་ཅིག་བྱོན་ཡོད་པའི་གྲས་ལས་ བཀའ་དྲིན་ཅན་གྱི་བདག་ཉིད་ཡབ་བསྟན་པའི་ཉི་མ་ཡང་བྱོན་ཡོད་པའི་ལོ་རྒྱུས་ཁ་རྒྱུན་ཐར་ཐོར་རེ་བཤད་ནི་ཡོད།
དུང་མཁར་ཨྱོན་ཆོས་གླིང་དགོན་པ་དེ་ མཛེས་ཆ་དང་ལྡན་པའི་ཤིང་རིགས་སྣ་ཚོགས་ཀྱི་དབུས་སུ་ རྒྱ་མཚོའི་མཐའ་མ་ལས་ ཕུཊ་༦༨༠༠ དེ་ཅིག་གི་མཐོ་ཚད་ཁར་ མི་སྐད་ཁྱི་སྐད་ག་ནི་ཡང་མེད་པའི་ས་ཁར་ བརྗིད་ཉམས་དང་ལྡནམ་སྦེ་ཆགས་ཏེ་ཡོད། དགོན་པ་དེ་ནང་ རྐང་ཐང་འབད་འགྱོ་བ་ཅིན་ གཡུས་ཁ་ལས་ཉིན་ལམ་ཅིག་གི་ས་ཁར་ཨིན། ཨིན་རུང་ ད་རེས་ནངས་པ་ དགོན་པ་དེ་ སོ་ནམ་ལམ་གྱི་རྒྱུན་མཐུད་དེ་ཡོདཔ་ལས་ གཡུས་ཁ་ལས་དུས་ཡུན་ཆུ་ཚོད་༢ དེ་ཅིག་གི་ས་ཁར་ཨིན།
དུང་མཁར་ཨྱོན་ཆོས་གླིང་དགོན་པ་དེ་ཉིད་ ས་གནས་ཟུར་ཁ་ཅིག་ནང་ཆགས་ཡོད་པ་མ་ཚད་ དེའི་ཉེ་འདབས་ལུ་གཡུས་འཁྱིལ་སོགས་ག་ནི་ཡང་མེདཔ་ལས་ དགོན་པའི་སྐུ་རྟེན་གསུང་རྟེན་མང་ཤོས་ཅིག་རང་ ཨར་རྐུན་ཤོར་བའི་ཁར་ དགོན་དེ་རང་ཉམས་ཆག་སྦོམ་རང་ཤོར་ནི་གུ་ལྷོད་དེ་ཡོད་མི་དེ་ སྣང་མེད་སྐྱུར་བཞག་པ་ཅིན་ རྒྱལ་ཁབ་དང་ གཡུས་སྒོ་ལུ་གྱོང་རྒུད་སྦོམ་རང་ཕོགས་ནི་མས་ཟེར་བའི་ཚ་གྱང་དང་ལོ་རྒྱུས་ཚུ་འབྱུང་ཡི།
དེ་འབདཝ་ལས་བརྟེན་ གོང་འཁོད་དཀའ་ངལ་དང་གདོང་ལེན་ཚུ་སེལ་ཐབས་ལུ་དམིགས་ཏེ་ འབྲུག་གི་ཁྲིམས་སྤྱི་བློན་པོ་བགྲེསཔ་ མི་རྗེ་བློན་པོ་བསོད་ནམས་སྟོབས་རྒྱས་མཆོག་གིས་སྐྱབས་འཛིན་མཛད་དེ་ དུང་མཁར་དགོན་པ་ལུ་ དུང་མཁར་ཨྱོན་ཆོས་གླིང་བཤད་གྲྭ་ཟེར་ སྤྱི་ལོ་༢༠༡༤ སྤྱི་ཟླ་༡༠ པའི་ སྤྱི་ཚེས་༡༢ལུ་ སྐྱབས་རྗེ་སྒང་སྟེང་སྤྲུལ་སྐུ་རིན་པོ་ཆེ་མཆོག་ཞབས་ཀྱིས་བཅགས་གནང་སྟེ་ བཤད་གྲྭ་འགོ་བཙུགས་མཛད་གནང་གནངམ་ཨིན། དེ་ལས་ཚུར་ སྐྱབས་རྗེ་སྒང་སྟེང་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་ཐུགས་སྨོན་དང་བྱམས་བརྩེ་ལས་བརྟེན་ སྒང་སྟེང་དགོན་པ་ལས་ མཁས་གྲུབ་གཉིས་ལྡན་གྱི་མཁན་པོ་དང་ སློབ་དཔོན་ཚུ་ དུང་མཁར་བཤད་གྲྭ་ལུ་གནང་དང་གནང་བཞིན་དུ་ཡོད།
དུང་མཁར་ཨྱོན་ཆོས་གླིང་དགོན་པའི་མངའ་འོག་གི་ལྷ་ཁང་ཡན་ལག་ མཆོད་རྟེན་ར་བཀའ་དམ་ལྷ་ཁང་དང་ ལ་བར་ལྷ་ཁང་དེ་རྣམས་ལ་ དུས་དང་ཕུ་ལས་རང་ ཕ་ལས་བུ་རྒྱུད་དེ་ པད་གླིང་ཆོས་ལུགས་ཉམས་སུ་བླངས་ཏེ་ པད་གླིང་ཆོས་ལུགས་འཛིན་སྐྱོང་སྤེལ་གསུམ་ལུ་གཙོ་བོ་སྟོན་མི་ཅིག་ཨིན།
དགོན་སྡེ་ སྒྲུབ་སྡེ་ བཤད་གྲྭའི་དབུ་ཁྲིད་ཀྱི་ བླ་སློབ་དང་དབུ་འཛིན་གྱི་མཚན།
དབུ་འཛིན་ནི་ མཁན་པོ་བསོད་ནམས་རྡོ་རྗེ། སློབ་དཔོན་ནི་ ཕུན་ཚོགས་རྒྱལ་མཚན།
དགོན་སྡེ་ སྒྲུབ་སྡེ་ བཤད་གྲྭ་ཚུ་ནང་སློབ་དཔོན་གྱི་གྲངས། ༼གཅིག༽
དགོན་སྡེ་ སྒྲུབ་སྡེ་ བཤད་གྲྭ་ཚུ་ནང་བླ་སློབ་དང་དགེ་སློང་ སྒོམ་ཆེན་ ཨ་ནེམ་ཚུ་གི་ཡོངས་བསྡོམས་ཀྱི་ཐོ།
༼ཟུར་སློབ ༡༽ ༼སྒོམ་ཆེན་ ༡༧༽ཨ་ནེམ་ མེད༽
དགོན་སྡེ་ སྒྲུབ་སྡེ་ བཤད་གྲྭ་ཚུ་ནང་ འཛིན་གྲྭ་རེ་རེ་ནང་ སློབ་ཕྲུག་ཚུའི་གྲངས་འམ་མཚམས་པ་ཚུའི་ཐོ།
༼སློབ་ཁང་༡ ནང་དགེ་སློང་༡༥༽
དགོན་སྡེ་ སྒྲུབ་སྡེ་ བཤད་གྲྭ་ཚུ་ནང་ རྩ་གཞུང་མེད་པའི་ལས་སྣ་ཚའི་ཐོ།
དགོན་སྡེ་ སྒྲུབ་སྡེ་ བཤད་གྲྭ་ཚུ་ནང་ གནང་སྲོལ་ཡོད་པའི་ལོ་བསྟར་ཆོས་ཕྱོགས་ཀྱི་ལས་རིམ་ཐོ། – ཚོགས་འབུམ
མི་སྡེ་ལུ་ཕན་པའི་ལས་སྣའི་ཐོ།
མཁན་པོ་དང་སློབ་དཔོན་གྱིས་ ཚོགས་འདུས་སྐབས་ གཏེར་སྟོན་པདྨ་གླིང་པའི་རྣམ་ཐར་སྐོར་ལས་གསལ་བཤད་ཀྱི་ལས་རིམ། ལྷ་གསོལ་གྱི་ལས་རིམ་ནང་འབྲེལ་གཏོགས་འབད་ནིའི་ལས་རིམ། གཤིན་པོའི་དགེ་རྩ་དང་གསོན་པོའི་རིམ་གྲོ་འབད་ནི་ལུ་རྒྱབ་སྐྱོར་གྱི་ལས་རིམ། གཡུས་སྒོའི་ཚེས་བཅུའི་སྐབས་འབྲེལ་གཏོགས་སྦོམ་འབད་ནིའི་ལས་རིམ
ལོ་བསྟར་དམིགས་བསལ་གྱི་ལས་སྣ་མ་འདྲཝ་ཁྱད་པར་ཅན་འགོ་འདྲེན་འཐབ་ཡོད་པའི་ཐོ་འམ་ཡང་ན་འགོ་འདྲེན་འཐབ་ནིའི་ཐོ།
ཕམ་རྒན་རྒས་ ཁ་ཐུན་དགེ་སྦྱོར་ལུ་བརྩོན་སྡོད་ནིའི་རེ་འདོད་བསྐྱེད་ཚུ་ དུང་མཁར་དགོན་པ་དང་བཤད་གྲྭ་ལུ་འབྱོན་པ་ཅིན་ བཞུགས་ས་དང་བཞེས་སྒོའི་རིགས་རིན་མེད་སྟོངམ་སྦེ་འཕུལ་ནིའི་ལས་རིམ་ཚུ་ཡོད། དེ་མ་ཚད་ དུང་མཁར་བཤད་གྲྭ་དང་ཚོགས་ཆུང་གི་ཁ་ཐུག་ལས་ དབང་པོ་སྐྱོན་ཅན་གྱི་ཨ་ལོ་ཚུ་དགེ་སློང་ནང་འཛུལ་བ་ཅིན་ རྒྱབ་སྐྱོར་འབད་ཐབས་ཀྱི་ལས་རིམ་དང་ ཕམ་ཡ་བྲལ་གྱི་ཨ་ལོ་ཚུ་གཅེས་སྐྱོང་འབད་ནིའི་ལས་རིམ་དང་ལམ་སྟོན་ཚུ་བརྩམ་པའི་བསྒང་ཡོད། ཨ་ལོ་ཚུ་ཨིན་ཅི་མིན་ཅི་རང་དགེ་སློང་ནང་སྡོད་དགོཔ་ཟེར་མེད། ཨ་ལོ་རང་སོའི་སྤྲོ་བ་དང་འཁྲིལ་ གོ་སྐབས་ཚུ་ལེན་བཅུག་ནིའི་ལས་རིམ་ཚུ་བཙམ་པའི་བསྒང་ཡོད། དེ་གིས་འབད་ མི་སྡེ་ལུ་ཕན་ཐོགས་ཅན་གྱི་མི་ཁུངས་ཅིག་བཟོ་ནི་ཨིན། དུང་མཁར་བཤད་གྲྭ་དང་ཚོགས་ཆུང་གི་ཁ་ཐུག་ལས་ མཚམས་ཁང་བདུན་རྐྱབ་ནིའི་ལས་རིམ་ཚུ་ཡོད།༽
དགོན་སྡེ་ སྒྲུབ་སྡེ་ བཤད་གྲྭ་ཚུ་དང་ གཞན་ལས་སྣ་ཚུའི་སྤུས་ཚད་ཅན་གྱི་པར་གནང་དགོཔ།
དགོན་སྡེ་ སྒྲུབ་སྡེ་ བཤད་གྲྭ་ཚུ་ནང་ འབྲེལ་ཡོད་ཀྱི་མི་ངོམ་གི་མཚན་དང་བརྒྱུད་འཕྲིན་ཨང་གྲངས།
མཁན་པོ་བསོད་ནམས་རྡོ་རྗེ – ༡༧༦༤༦༩༥༢༽ ༼སློབ་དཔོན་ཕུན་ཚོགས་རྒྱལ་མཚན – ༧༧༧༩༦༡༤༥༽