སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་དང་པ་ རྒྱལ་སྲས་པདྨ་འཕྲིན་ལས། ༼༡༥༦༤-༡༦༤༢༽
སྐུ་འཁྲུངས་ཚུལ།
སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་དང་པ་ རྒྱལ་སྲས་པདྨ་འཕྲིན་ལས་མཆོག་ བུམ་ཐང་ཆལ་གྱི་གཞོང་ཟེར་བའི་ གཡུས་ཚན་དེ་ནང་ ཡབ་རྒྱལ་བ་ལྷ་ནང་པའི་གདུང་བརྒྱུད་ལས་བྱོན་མི་ རྟ་མགྲིན་གྱི་སྤྲུལ་པ་ རིག་འཛིན་པདྨ་གླིང་པའི་སྲས་ ཟླ་བ་རྒྱལ་མཚན་དང་ ཡུམ་ཆོས་འཁོར་དཔོན་པོའི་སྲསམོ་ བུ་ཁྲིད་གཉིས་ཀྱི་སྲས་ལུ་ རབ་བྱུང་དགུ་པའི་ཤིང་ཕོ་བྱི་ལོའམ་ སྤྱི་ལོ་༡༥༦༤ ལུ་ ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས་ནུག། མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར་གྱི་ སྐུ་སྐྱེ་འཁྲུལ་མེད་ཨིན་པའི་རྟགས་མཚན་ལུ་ སྨིན་མཚམས་ལུ་སྨྲེ་བ་དཀརཔོ་དང་ གསང་ཆབ་ལས་གླ་རྩིའི་གྲི་བསྣམས་ཤིང་ སྐུ་སྨད་ལུ་སྟག་ཤམ་གྱི་རི་མོ་གསལ་ཏོག་ཏོ་དང་ དཔྱལ་བའི་སྦུག་ལུ་ ཉི་ཟླའི་སྣང་བ་ཤིན་ཏུ་གསལ་བ་ཚུ་ཡོད་པའི་ཁར་ སྐུ་ན་ཕྲ་བའི་བསྒངལས་ སྐུ་སྐྱེ་དྲན་ཞིང་ སྔོན་གྱི་ལོ་རྒྱུས་གེ་ར་ འཁྲུལ་མེད་དུ་གསུངསམ་ལས་བརྟེན་ཏེ་ ཡབ་ཐུགས་སྲས་ཟླ་བ་རྒྱལ་མཚན་མཆོག་གིས་ཡང་ ཕ་པདྨ་གླིང་པའི་གདུལ་བྱ་འཕྲིན་ལས་ཀྱི་བདག་པོ་ ཁོ་གིས་མཛད་ནི་ཨིནམ་ལས་ མཚན་ཡང་པདྨ་འཕྲིན་ལས་ཟེར་ གསོལ་གནང་ནུག།
སྐུ་ཡོན་བཞེས་ཚུལ།
དེ་ལས་ཡབ་རྗེ་དམ་པའི་ཞབས་ལས་ མན་ངག་དམ་པ་ཡོངས་རྫོགས་གནང་སྟེ་ བཀྲིན་གསུམ་ལྡན་དུ་མཛད་པའི་ཁར་ གཞན་ཡང་གྲུབ་ཐོབ་དོན་གྲུབ་དཔལ་འབར་དང་། པད་གླིང་གཉིས་པ་ རྒྱལ་བ་བསྟན་འཛིན་གྲགས་པ། རྒྱལ་སྲས་བསྟན་པའི་འབྱུང་གནས་ཚུ་ལས་ དབང་ལུང་མན་ངག་དུ་མ་གསན་ཏེ་ ཐོས་བསམ་གྱི་ཡང་རྩེར་སོན། དེ་ལས་བསྐལ་བཟང་གི་སངས་རྒྱས་བདུན་པ་ པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲའི་གདན་ས་ ཚོགས་ཆེན་དགེ་འདུན་སྒང་དུ་ སྟོན་པའི་རྒྱལ་ཚབ་གནས་བརྟན་དགྲ་བཅོམ་པ་ རིན་ཆེན་ཤེས་རབ་གཙོ་བོར་བཞུགས་པའི་ ཁྲིམས་ལྡན་དགེ་འདུན་བརྒྱ་ཕྲག་འདུས་པའི་སྦུག་ན་ལས་ དགེ་བསྙེན་དང་བར་མ་རབ་བྱུང་ལས་ བསྙེན་རྫོགས་ཀྱི་བར་ བསླབ་ཚིགས་ཡོངས་སུ་རྫོགས་པར་བསྒྲུབས་པའི་ཁར་ དར་ལུང་ལུ་བྱོན་ཏེ་ མཁན་པོ་ཀུན་སྤངས་ངག་དབང་ཆོས་གྲགས་ལས་ འདུལ་བ་སྡེ་བཞི་དང་ འཕགས་པ་བརྒྱད་སྟོང་པ་ལ་སོགས་པའི་ ལུང་དང་བཤད་ཁྲིད་ཚུ་གསན་ཏེ་ འབྲུག་དང་བོད་གཉིས་ལུ་ སྡོམ་བརྩོན་ཆེན་པོ་པདྨ་འཕྲིན་ལས་ཟེར་བའི་ མཚན་གྱི་སྙན་གྲགས་དར་ཁྱབ་སྦོམ་བྱུང་ནུག།
འགྲོ་དོན་འཕྲིན་ལས་དང་སྒྲུབ་རྟགས།
གུ་རུའི་སྒྲུབ་གནས་ ཚལ་ཕུག་མ་ར་ཏི་ཀའི་བྱག་ཕུག་མཇལ་བར་བྱོན་པའི་སྐབས་ བྱག་ལུ་ཞབས་རྗེས་དང་ཕྱག་པར་བྱོན་མི་ཚུ་ ད་ལྟོ་ཡང་གསལ་ཏོག་ཏོ་ མཇལ་ནི་ཡོད་པ་དང་ ཡར་ལམ་མཚམས་པའི་ བྲག་དཀར་པོ་ལས་ གུ་རུ་མཚོ་སྐྱེས་རྡོ་རྗེ་རྡོ་ རང་བྱོན་གྱི་སྐུ་འདྲ་ཅིག་གདན་འདྲངས་ཏེ་ ད་ལྟོ་སྒང་སྟེང་གསང་སྔགས་ཆོས་གླིང་གི་ ནང་རྟེན་སྦེ་བཞུགས་ནུག། དེ་ལས་ཧེ་མ་ཁོ་རའི་ཨ་རྒས་ རིན་འཛིན་པདྨ་གླིང་པ་གིས་ལུང་བསྟན་ཏེ་ བྱིན་གྱིས་བརླབས་པའི་གནས་དང་ པད་གླིང་གཉིས་པ་རྒྱལ་བ་བསྟན་འཛིན་གྲགས་པའི་ བསམ་གཏན་གྱི་བསྟི་གནས་ཨིན་མི་ དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་གི་ བཙུག་ལག་ཁང་དེ་ རྟེན་གསུམ་རྒྱལ་བ་རྒྱ་མཚོ་དང་བཅས་ བཞེངས་གནང་པའི་ཁར་ དགེ་འདུན་གྱི་སྡེ་གསར་དུ་བཙུགས་ཏེ་ གླིང་སྟོད་གླིང་སྨད་ཟེར་བའི་དགོན་ཁྲིམས་དམ་དམ་ བཅའ་གནང་མི་དེ་ ད་ལྟོའི་བར་ན་ཡང་ གནས་བཞིན་ཡོདཔ་ཨིན་མས། ལྷག་པར་དུ་ ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དང་། དཔལ་རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ། བི་མ་མི་ཏྲ། ཤྲཱི་སིང་ཧ། སློབ་དཔོན་པདྨ་འབྱུང་གནས་ཚུ་གི་ ཞལ་ཡང་ཡང་མཇལ། ཆོས་སྐྱོང་སྲུང་མ་ཚུ་དང་གཅིག་ཁར་ མི་དང་མིའི་བར་ན་ཁ་སླབ་དོ་བཟུམ་སྦེ་ འབྲེལ་བ་མཛད་ཅིང་ སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་འདུལ་ཞིང་བཀར་བཏགས་པ་དང་ གཟའ་མཆོག་ར་ཧུ་ལ་ནི་ སྐུ་དང་གྲིབ་མ་བཞིན་མཉམ་དུ་འགྲོགས་པ་ལས་ ཐུགས་ལུ་གང་བཞེད་འདོད་པ་ཙམ་གྱིས་གྲུབ་བྱུང་བ་སོགས་ ཡ་མཚན་མཐའ་ཡས་ཤིང་། སྟང་ཁང་རབ་ལྷ་ཁང་དང་ ཆལ་ཐེག་ཆེན་ཆོས་འཁོར་གཙུག་ལག་ཁང་། ཀུན་བཟང་བྲག་གཟིམ་ཁང་ལ་སོགས་པ་ གཙུག་ལག་ཁང་མང་རབས་ཅིག་ཕྱག་བཏབ་གནང་། ཆུ་སྨད་སྤྲ་མཁར་ལུ་ དགོངས་གཏེར་གསེར་གྱི་ལྷ་ཁང་གཞི་བཙུགས་ཏེ་ གྲྭ་རྒྱུན་གསར་བཙུགས་གནང་། གཞན་ཡང་ དབང་ལུང་འཆད་སྤེལ་དང་ རྒྱལ་རྟེན་བཞེངས་ཚུལ་ཚུ་མཐའ་ཡས་ཏེ་ སྒྲུབ་ཆེན་རྐྱངམ་གཅིག་རང་ ༡༢༥ དེ་ཅིག་བཙུགས་གནང་ནུག།
བརྒྱུད་འཛིན་སློབ་མའི་ཚོགས།
རྒྱལ་སྲས་པདྨ་འཕྲིན་ལས་མཆོག་གི་འགྲོ་དོན་མཛད་འཕྲིན་ཕྱོགས་དང་ཕྱོགས་སུ་ཁྱབ་པ་ལས་ བརྒྱུད་འཕྲིན་སློབ་མའི་ཚོགས་ ལེ་ཤ་བྱུང་བའི་གྲངས་སུ་ ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ་དང་། ཐུགས་སྲས་ཉི་ཟླ་ཀློང་ཡངས། འབྲུག་པ་གདུང་ཚེ་དབང་བསྟན་འཛིན། གདོང་དཀར་སྤྲུལ་སྐུ། གནས་ཕུ་སྤྲུལ་སྐུ། མདའ་ལྟོང་སྤྲུལ་སྐུ། ཆུ་སྨད་རྗེ་བཙུན་གྱིས་གཙོས་པའི་ མདོར་ན་ཁ་བཞི་འདི་ནང་གི་ བླ་སློབ་དང་དཔོན་རིགས་ཡོད་ཚད་གཅིག་གིས་ གུས་པས་བཏུད་ཅིང་ དབང་དང་གདམས་ངག་ཚུ་ ཞུ་ཡོདཔ་ཨིན་མས། ཞབས་དྲུང་རིན་པོ་ཆེ་མཆོག་ འབྲུག་ལུ་ཕེབས་པའི་བསྒང་ལས་ འབྲུག་ནུབ་ཕྱོགས་ཁ་ཐུག་ལུ་ བླམ་ལྷ་པ་དང་། བ་ར་ཝ། ལྕགས་ཟམ་པ་ གནས་རྙིང་པ། ཀ་ཐོགས་པ/རྫོགས་ཆེན་པ། དགེ་ལྡན་ཤིང་རྟ་པ། ས་སྐྱ་པ་ཚུ་ ས་གནས་སོ་སོ་ནང་ རང་སོའི་སློབ་མའི་སྡེ་དང་བཅས་བཞུགས་ཏེ་ སྲིད་དང་མི་སྡེ་ལུ་ དབང་བསྒྱུར་གྱི་ནུས་ཚད་སོ་སོ་བཟུང་སྟེ་ཡོདཔ་ཨིན་མས། ཞབས་དྲུང་རིན་པོ་ཆེ་གིས་ ལྷོ་མོན་ཁ་བཞི་གཅིག་བསྒྲིལ་གནང་པའི་སྐབས་ པད་གླིང་དང་ ཀ་ཐོགས་པ། ས་སྐྱ་པ་གསུམ་མ་གཏོགས་པའི་ གཞན་བླམ་ཁག་ལྔ་ ཁ་རུབ་སྟེ་ ཞབས་དྲུང་རིན་པོ་ཆེ་ལུ་ གདོང་རྒོལ་འབད་རུང་ ཞབས་དྲུང་གིས་ཕམ་བཏང་ནུག། དེ་གིས་འབད་ ཞབས་དྲུང་རིན་པོ་ཆེ་གིས་ པད་གླིང་དང་ ཀ་ཐོགས་པ། ས་སྐྱ་པ་གསུམ་གྱིས་ ཞབས་དྲུང་རིན་པོ་ཆེ་ལུ་ རྒྱབ་སྐྱོར་ཞུ་མི་དེ་ལུ་ བཀྲིན་དགའ་ཚོར་བསམ་གནང་ནུག། ལྷག་པར་དུ་ སྤྱི་ལོ་༡༦༤༡ ལུ་ ཞབས་དྲུང་རིན་པོ་ཆེ་གིས་ པདྨ་གླིང་པའི་ཟབ་ཆོས་ཀྱི་ དབང་ལུང་ཚུ་གསན་ནིའི་ཐུགས་བཞེད་གནང་སྟེ་ རྒྱལ་སྲས་པདྨ་འཕྲིན་ལས་མཆོག་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ལུ་ གདེན་འདྲེན་ཞུཝ་ལས་ སྤུངས་ཐང་རྫོང་ནང་ཕེབས་པའི་སྐབས་ ཞབས་དྲུང་རིན་པོ་ཆེ་གིས་ ཁྲི་ལས་འབབས་ཏེ་ ཕེབས་བསུ་ཞུ་བའི་ཁར་ གུས་བཏུད་ཀྱི་ཚུལ་ལུ་ བཞུགས་ཁྲི་ཡང་སྦོམ་ཅིག་ཕུལ་ནུག། ཞབས་དྲུང་རིན་པོ་ཆེ་གིས་ རྒྱལ་སྲས་མཆོག་ལས་ པདྨ་གླིང་པའི་ཟབ་ཆོས་ཚུ་ གསན་ནིའི་ཐུགས་འདོད་ཡོད་ལུགས་དང་ དེ་བསྒང་གནམ་བྱཱར་ ཚདཔ་ཚ་བའི་དུས་ཚོད་ཨིནམ་ལས་ གནམ་དགུན་ལུ་ཞུ་ནི་ཟེར་བཀའ་གནང་ནུག། རྒྱལ་སྲས་པདྨ་འཕྲིན་ལས་མཆོག་ སྐུ་་ཞག་གསུམ་གྱི་རིང་དེ་ཁརབཞུགས་པའི་སྐབས་ མགྲོན་སྐྱོང་རྒྱས་ཞིང་རྒྱསཔ་གནང་པའི་ཁར་ གསོལ་རས་ཡང་རྒྱ་ཆེཝ་སྦེ་གནང་ནུག། ཨིན་རུང་ གནམ་དགུན་མ་ཐོནམ་ཅིག་ལས་ རྒྱལ་སྲས་མཆོག་ ཞིང་ལུ་ཕེབས་སོངམ་ལས་ ཤུལ་ལས་ གཏེར་སྟོན་ཞིག་པོ་གླིང་པའི་སྤྲུལ་པ་ ཆོས་རྗེ་རྒྱལ་དབང་ལས་གསན་གནང་ནུག། དེ་གིས་སྦེ་ ཞབས་དྲུང་ཞལ་བཞུགས་པའི་སྐབས་ལས་རང་ འབྲུག་པ་དཀར་བརྒྱུད་དང་ པད་གླིང་ཆོས་རྒྱུན་གྱི་བར་ན་ ཕན་ཚུན་གྱི་འབྲེལ་བ་གང་གཟབ་ཡོདཔ་ཨིན་མས།
སྐུ་ཞིབར་གཤེགས་ཚུལ།
རྒྱལ་སྲས་པདྨ་འཕྲིན་ལས་མཆོག་གིས་ བསྟན་འགྲོའི་མཛད་འཕྲིན་མཐར་ཕྱིན་པའི་ཤུལ་ལུ་ དགུང་གྲངས་༨༠ བཞེསཔ་དང་ སྤྱི་ལོ་༡༦༤༢ དང་ རབ་བྱུང་༡༡ པའི་དབྱུག་ཟླའི་ཚེས་བཅུའི་ཉིན་མར་ བུམ་ཐང་ལུ་སྦེ་ ངོ་མཚར་བའི་ལྟས་དང་བཅས་ གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པར་མཛད་པའོ། །